The Jetsun Lineage

༄༅། །སྨིན་གླིང་རྗེ་བཙུན་མི་འགྱུར་དཔལ་སྒྲོན་ནི། སྨིན་གླིང་ཁྲི་རབས་དང་པོ་ཆོས་རྒྱལ་གཏེར་བདག་གླིང་པའི་རིགས་ཀྱི་སྲས་མོར་སྐུ་འཁྲུངས། ཡབ་རྗེ་གཏེར་བདག་གླིང་པ་དང་ལོ་ཆེན་དྷརྨ་ཤྲཱི་རྣམ་གཉིས་སོགས་དགེ་བའི་བཤེས་གཉེན་མང་པོའི་ཞབས་ལ་བཏུག་ནས། གཞུང་ལུགས་རབ་འབྱམས་ལ་མཁས་པར་བསླབ། རྩེ་གཅིག་སྒྲུབ་ལ་གཞོལ་བས་གྲུབ་བརྙེས་ཀྱི་སྐྱེས་བུ་ཆེན་མོ་གྱུར་ཏེ་རྗེ་བཙུན་མི་དཔལ་སྒྲོན་ཅེས་བོད་ཙམ་དུ་མ་ཟད་འབྲས་ལྗོངས་ཆོས་རྒྱལ་ཆེན་པོ་སོགས་ཀྱི་བླ་མར་གྱུར། ནང་བསྟན་མདོ་སྔགས་སྤྱི་དང་ཁྱད་པར་ཟབ་གསང་རྫོགས་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཏེ་བརྒྱུད་འཛིན་བུ་སློབ་མང་དུ་བྱུང་། ཕྱི་རབས་ཀྱི་གདུལ་བྱ་ལ་དགོངས་ནས་གསུང་འབུམ་པོད་གཉིས་ཙམ་བཞུགས། མཁས་གྲུབ་གཉིས་ལྡན་གྱི་རྣལ་འབྱོར་ཀྱི་དབང་ཕྱུག་ཆེན་མོ་རྗེ་བཙུན་མི་འགྱུར་དཔལ་སྒྲོན་ཞེས་བོད་གངས་ཅན་ལ་ཆེས་གྲགས་ཅན་གྱི་རྗེ་བཙུན་མ་ཅིག་གོ།

Minling Jetsün Migyur Paldrön

Minling Jetsün Migyur Paldrön was born within the lineage as the daughter of Mindrolling’s first throne holder, Chögyal Terdag Lingpa. Studying under many revered spiritual masters, including her father Terdag Lingpa and uncle Lochen Dharmashri, she became exceptionally learned in the vast scriptural traditions. Through deeply engaging in the single-pointed practice of the sacred dharma, she became a great accomplished master and came to be known as Jetsün Mipal Drön.  

Jetsün Migyur Paldrön was a renowned spiritual master not just in Tibet but was also a teacher to great figures like the Dharma King of Sikkim. She turned the vast Wheel of Dharma of both the sutra and tantra teachings, and in particular, the profound secret Great Completion (Dzogchen teachings). Through her vast activities, she had a multitude of students and many lineage holders went on to become her heart-sons (close disciples). Considering future generations of practitioners, she composed two volumes of collected writings. Known as Jetsün Mingyur Paldrön—a yogini of great power—she became one of Tibet’s most renowned female masters being both a great scholar and an accomplished practitioner.   

རྗེ་བཙུན་མ་ཕྲིན་ལས་ཆོས་སྒྲོན་ནི། སྨིན་ཁྲི་རབས་ལྔ་པ་ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ་གྱི་སྲས་མོར་སྐུ་འཁྲུངས། ཆུང་ནས་ཡབ་ཁྲི་ཆེན་དམ་པ་རྡོ་རྗེ་འཆང་ཆེན་པོས་དབུས་ཁུ་དབོན་རྣམས་དང་རབ་འབྱམས་པ་ཨོ་རྒྱན་དཔལ་མགོན་སོགས་ལས་གསན་བསམ་མཐར་ཕྱིན་མཛད་པས་ཐོས་བསམ་བསྒོམ་པའི་ཤེས་རབ་རྒྱ་ཆེ་ཞིང་། སྙིང་པོར་སྒྲུབ་ལ་གཞོལ་བས་རྟོགས་པའི་གདེངས་མཐོ་པོར་གཤེགས། དབང་ཁྲིད་མན་ངག་གི་གདམས་པའི་མཛོད་འཛིན་པ། སྨིན་གླིང་ཡབ་སྲས་ཀྱི་གསུང་རབ་དང་ཁྱད་པར་འོད་གསལ་རྫོགས་པ་ཆེན་པོ་སྙིང་ཐིག་ཡ་བཞི་སོགས་ཀྱི་དབང་ལུང་མན་ངག་གི་བརྒྱུད་པའི་སྲོག་འཐུད་པ་སྟེ། འཇམ་དབྱངས་མཁྱེན་བརྩེ་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་སོགས་སྐབས་དེ་དུས་ཀྱི་རིས་མེད་མཁས་གྲུབ་མང་པོས་རྗེ་བཙུན་མ་འདི་ཉིད་གཙུག་ཏུ་བསྐུར་ཏེ། འོད་གསལ་རྫོགས་པ་ཆེན་པོས་མཚོན་ཟབ་ཆོས་དཔག་ཏུ་མེད་པ་ནོད་པར་བརྟེན། དེང་གི་དུས་འདིར་སྙིང་ཐིག་ཡ་བཞི་སོགས་ཀྱི་བརྒྱུད་པ་བཞུགས་སོ་ཅོག་རྗེ་བཙུན་ཁོང་གཅིག་པུའི་བཀའ་དྲིན་ཁོ་ནའོ།།

Jetsün Trinley Chödrön  

Jetsün Trinley Chödrön was born as the daughter of the fifth Minling Trichen, Tri Trinley Namgyal. From a young age, she received and mastered teachings from her father, the sublime Vajradhara Trichen and other teachers such as her uncles and the great scholar Orgyen Palgön. Through this and the accomplishing of study, contemplation and meditation, Jetsün Trinley Chödrön attained vast wisdom. Applying deep diligence in the accomplishment of the essence, she reached great heights of realization and became a holder of the treasury of empowerments and upadesha instructions.  

Jetsün Trinley Chödrön maintained the lineage of teachings of the Mindrolling fathers and sons, and in particular, the teachings of Ösel Dzogpa Chenpo (the Luminosity Great Completion teachings) and Nyingthik Yabzhi (the Four Parts of Heart Essence) including their empowerments, transmissions, and oral instructions. Many great Rimé (non-sectarian) masters of that time, including Jamyang Khyentse Wangpo and Pema Ösel Dongak Lingpa, held Jetsün Trinley Chödrön in the highest regard and received countless profound teachings from her, especially those of the Ösel Dzogchen. Due to this, all current lineages of the Nyingtik Yabzhi and related teachings exist solely due to her kindness. 

སྨིན་གླིང་རྗེ་བཙུན་མཁའ་འགྲོ་རིན་པོ་ཆེ་མཆོག་ནི་སྨིན་གླིང་ཁྲི་རབས་བཅུ་གཅིག་པ་འགྱུར་མེད་ཀུན་བཟང་དབང་རྒྱལ་མཆོག་གི་རིགས་ཀྱི་སྲས་མོར་སྐུ་འཁྲུངས། དགུང་ལོ་གཉིས་ཙམ་གྱི་སྐབས་སུ་རྒྱལ་བའི་དབང་པོ་ཀརྨ་པ་བཅུ་དྲུག་པ་རིག་པའི་རྡོ་རྗེའི་མཚུར་ཕུ་མཁའ་འགྲོ་ཆེན་མོའི་སྤྲུལ་སྐུར་ངོས་འཛིན་གནང་། ཡབ་ཁྲི་ཆེན་རིན་པོ་ཆེའི་ཐུགས་བརྩེ་བ་ཆེན་པོས་བསྐྱངས་ཤིང་དབང་ལུང་མན་ངག་གི་གདམས་པའི་རྒྱུན་མཐའ་དག་ཕུལ།། སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེས་སྐུ་མདུན་ནས་སྔ་འགྱུར་བཀའ་གཏེར་གྱི་དབང་དང་རྫོགས་པ་ཆེན་པོ་དགོངས་པ་ཟང་ཐལ་སོགས་ཟབ་ཆོས་དཔག་ཏུ་མེད་པ་ནོད། དེ་བཞིན་དུ་༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེའི་སྐུ་མདུན་ནས་སྨིན་གླིང་ཡབ་སྲས་ཀྱི་ཆོས་སྐོར་ཀྱིས་མཚོན་དབང་ཁྲིད་མན་ངག་མང་པོ་གསན། སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་ནས་སྨིན་གླིང་རྗེ་བཙུན་མ་རིམ་བྱོན་བཞིན་སྨིན་གླིང་རྗེ་བཙུན་གྱི་མཚན་གྱི་གོ་གནས་བཞེས་དགོས་པའི་བཀའ་ནན་བསྩལ། དེ་བཞིན་དུ་རྒྱལ་བ་ཀརྨ་པ་སོགས་རིས་མེད་དམ་པའི་སྐྱེས་བུ་མང་པོ་བསྟེན་ནས་ཐེག་པ་ཆེ་ཆུང་མདོ་སྔགས་དང་བཅས་པ་གསན་བམས་བསྒོམ་གསུམ་མཐར་ཕྱིན་པ་གནང་ནས་མཁས་གྲུབ་གཉིས་ལྡན་གྱི་རྗེ་བཙུན་མ་ཆེན་མོ་དེང་གི་དུས་སུ་འཛམ་གླིང་ན་ཡོངས་སུ་སྙན་པ་གྲགས་པའོ།། དབྱིན་སྐད་དང་རྒྱ་གར་དང་བལ་བོའི་སྐད་སོགས་སྐད་རིགས་སྣ་ཚོགས་ལ་བྱང་ཆུབ་པ། རྗེ་བཙུན་མ་ཉིད་ཀྱིས་ཕྱག་བཏབ་པ་བཙུན་དགོན་བསམ་གཏན་རྩེ་དང་། འཕགས་ཡུལ་ཨྱོན་སྨིན་གྲོལ་གླིང་མ་དགོན་ངེས་དོན་དགའ་ཚལ་གླིང་གི་དགེ་འདུན་པ་རྣམས་ཀྱི་འཚོ་བའི་འཐུན་རྐྱེན་དང་་འཛིན་སྐྱོང་གི་ཐུགས་བཞེས་བཞིན་དང་། གཞན་ཡང་ཉམས་ཐག་མགོན་མེད་རྣམས་ལ་ལྟོ་གོས་དང་སྨན་རིན་སོགས་ཀྱིས་གཞན་ཕན་རོགས་སྐྱོར་ཀྱི་འཕྲིན་ལས་རྒྱ་ཆེ་གནང་དང་གནང་མུས་བཅས་བསྟན་འགྲོ་སྨན་པའི་ཕྲིན་ལས་རྒྱ་ཆེར་སྤེལ་དང་སྤེལ་མུས་ཀྱིས་སྐུ་འཚོ་ཞིང་བཞུགས་པ་བཅས་སོ།། རྗེ་བཙུན་མ་ཉིད་ཀྱི་ཁྱད་ཆོས་འགའ་ཞིག་ནི། འོད་གསལ་ལྷ་ཡི་རིགས་བརྒྱུད་དུ་སྐུ་འཁྲུངས་ཤིང་རྟེན་རབ་བྱུང་ཤིན་ཏུ་བཙུན་མར་བཞུགས་པ བོད་ཀྱི་བུད་མེད་ཀྱི་སྤྲུལ་སྐུ་ཆེན་མོ་ཞིག་གནའ་དེང་ཤེས་བྱ་རབ་འབྱམས་ལ་སྦྱང་པ་མཐར་ཕྱིན་གནང་བ། བོད་ཀྱི་བླ་མ་ཆེན་པོ་ཞིག་གི་སྲས་མོ་དང་སྤྲུལ་སྐུ་ཆེན་མོའི་མཚན་གནས་ཡོད་པ་ཞིག་ཡེ་ཤུའི་སློབ་གྲྭའི་གཞི་རིམ་ནས་མཐོ་སློབ་ཆེན་པོའི་བར་མཐར་ཕྱིན་གནང་བ། ཐེག་པ་ཆེ་ཆུང་མདོ་སྔགས་དང་བཅས་པར་མཁས་པར་བསླབ་ཅིང་སྐད་ཡིག་སྣ་ཚོགས་ཀྱི་ཐོག་ནས་འཛམ་གླིང་ཤར་ནུབ་ཀུན་ལ་ཆོས་ཀྱི་འཁོར་ལོ་ལོ་ལྟར་བསྟུད་མར་བསྐོར་ནས་སྙན་གྲགས་ཕྱོགས་ཀུན་ཏུ་ཁྱབ་པ་བཅས་ནི་རྗེ་བཙུན་མ་ཁོང་གི་དམིགས་གསལ་ཁྱད་ཆོས་སོ།།

Minling Jetsün Khandro Rinpoche  

Minling Jetsün Khandro Rinpoche was born as the eldest daughter of the 11th throne holder of Mindrolling, Tri Gyurme Kunzang Wangyal. When she was about two years old, the 16th Karmapa Rigpe Dorje recognized her as the reincarnation of Khandro Rinpoche, the Great Dakini of Tsurphu. Her father, the great throne holder, raised her with immense love and bestowed upon her all the lineages of empowerments, transmissions, and essential instructions. From Kyabje Taklung Tsetrul Rinpoche, she received numerous profound teachings including the complete Kama and Terma empowerments of the Nyingma (Early Translation) school, as well as Dzogchen teachings such as Gongpa Zangthal. From Kyabje Trulshik Rinpoche, she received many empowerments, instructions and oral transmissions, particularly those of the Mindrolling lineage. Kyabje Trulshik Rinpoche strongly urged her to take on the title and responsibilities of Mindrolling Jetsünma, following the tradition of previous Mindrolling Jetsünmas.  

Jetsün Khandro Rinpoche studied with many sublime masters of all traditions, perfecting her understanding of both sutra and tantra through the three trainings of listening, contemplation, and meditation. She has is known worldwide as a female master who combines both scholarship and realization She founded and oversees many Dharma organizations including the Samten Tse Nuns retreat center in India, Mindrolling Lotus Garden Retreat Center in the United States and also oversees and manages the living conditions and administration of the sangha at Mindrolling Monastery in India. Jetsün Khandro Rinpoche also continues to engage in extensive charitable activities providing food, clothing, and medical assistance to those in need, while constantly working to benefit both the Buddhist teachings and all beings. Some of Jetsünma’s distinctive characteristics include being born into the luminous divine lineage and maintaining pure monastic discipline and imparting the pure teachings. She is a great female Tibetan tulku who has mastered both the traditional and modern fields of knowledge. Despite being both the daughter of a great Tibetan master and a recognized tulku, she completed her education from primary through university level at Christian convent schools. Jetsün Khandro Rinpoche mastered both sutra and tantra teachings and is proficient in various languages including English, Hindi and Nepalese. She travels across the world through Europe, North America and Asia turning the vast Wheel of Dharma in both the the East and the West and is thus widely renowned.

Written by Tulku Dakpa Rinpoche